牧人魂歌詞
བྲོག་མའི་བླ་སྲོག།
གཞས་ཚིག། བླ་བཟང་རིན་ཆེན།
作詞:洛桑仁青
གཞས་འདངས། བདེ་སྐྱིད་ཚེ་རིང་། གོང་པ ་བདེ་ལེགས་ནོར་བུ།
作曲:德吉老爺貢哇'德勒鬧吾
གླུ་བ། བདེ་སྐྱིད་ཚེ་རིང་། གོང་པ་བདེ་ལེགས་ནོར་ བུ
演唱:德吉老爺貢哇'德勒鬧吾
དབྱངསསྒྲིག་བཟོ་བ། ཏན་ཏན།
編曲:旦旦
འབྲོག་མའི་བླ་སྲོག
མགོ་ལ་ཕུབ་པའི་སྦྲ་ནག།
ལུས་ལ་གྱོན་པའི་པའི་གོས་ལྷམ།
ཁ་ལ་ཟ་བའི་མར་ཆུར།
ཁོག་ལ་འཐུང་བའི་འོ་ཞོ།
ཕྱི་ནག་ནག་ཐམས་ཅན་རྒྱུ་ཡི་རང་བཞིན་དང།
ནང་དམར་དམར་ཐམས་ཅད་ཟས་ ཀྱི་རང་བཞིན་ལྟར།
ཐོག་མར་རྒྱུ་ཡི་བྱུང་བ་རང་བཞིན་བཤད་ཙ་ན།
ཁུལ་དང་རྩིད་པ་བྲེགས་ཏེ་འཁེལ་ འཐག་ལས།
ཕ་གཞེས་དྲོད་མོ་སྦྲ་ནག་གྲུ་བཞི་དང་།
སྒྱེ་དང་ཕྱར་བ་རྩིད་སྐུད་ཐག་པ་དང་།
སྣ་ཐག་སྐེ་ཐག་འུར་ཐག་རྟོད་ཐག་སོགས།
དབུ་ནག་བོད་ཀྱི་འཚོ་བ་རྟེན་གཞི་ཡིན།
དེ་ནས་ཀོ་རིགས ་རྒྱུ་ཆ་ལས་བྱུང་བའི་ཀོ་ལྷམ་ཀོ་སྒྲོ་ཀོ་སྒམ་ཀོ་ཁུག་དང་།
ཀོ་སྒ་ཀོ་གྲུ་ཀོ་ཚགས་ཀོ་ཤུབ་སོགས །
རྒྱུ་སྤུས་ལེགས་ཤིང་སྤྱོད་རྒྱ་ཧ་ཅང་ཆེ།
འབྲུ་མོ་གཡང་ལ་བཞོས་པའི་འོ་མ་དང་ཞོ།
མར་ དང་དར་བ་ཆུར་བ་སོགས།
རོ་བརྒྱ་ལྡན་ཞིང་ལྷད་མེད་དྭངས་གཙང་དང་།
ལུས་ལ་འཕྲོད་ཅིང་ཟས་བཅུད་ཕུན ་སུམ་ཚོགས།
དེ་ཡང་ཟས་སྣ་གཞན་དང་སྦྱོར་བའི་དཀར་ཟས་ལ།
ཐུད་དང་རྩམ་པ་ཞོ་དང་འོ་མ་དར ་དང་ཆུར་བ་དང།
བྲོ་མ་མར་ཁུ་བ་ཚ་མར་ཁུ་གླང་ཆེན་ཐུག་པ་ཆུར་ཁུ་ཨ་མདའ།
ཐུད་དང ་རྩམ་པ་ཞོ་དང་འོ་མ་དར་དང་ཆུར་བ།
བྲོ་མ་མར་ཁུ་བ་ཚ་མར་ཁུ་གླང་ཆེན་ཐུག་པ།
འབྲོག་མིའི་བླ་སྲོག།
མགོ་ལ་ཕུབ་པའི་སྦྲ་ནག།
ལུས་ལ་གྱོན་པའི་པའི་གོས་ལྷམ།
ཁ་ལ་ཟ་ བའི་མར་ཆུར།
ཁོག་ལ་འཐུང་བའི་འོ་ཞོ།
ཨེ་ཁོག་ལ་འཐུང་བའི་འོ་ཞོ།
དཀར་པོ་དུང་མགོ་བོ ་ཅན།
དུང་རྭ་དུང་རྣ་སྤུངས་སེ་སྤུངས།
དུང་གི་ཁ་ཆུ་ཉི་ལི་ལི།
དུང་གི་རྔ་ཤངས་སེ་ ཤངས།
སེར་པོ་གསེར་རྭ་གསེར་མིག་ཅན།
གསེར་རྭ་གསེར་སྣ་སྤུངས་སེ་སྤུངས།
གསེར་གྱི་ཁ་ཆུ་ཉི་ལི ་ལི།གསེར་གྱི་རྔམ་ཤངས་སེ་ཤངས།
གནམ་སྔ་མོ་ད་གནམ་མི་བོད་ཀྱི་གཏམ་དཔེ་ལ།
མགོ་ནག་ནག་བརྟེན་ས་སྤུ་ནག་རེད།
སྤུ་ནག་ནག་བརྟེན་ས་རྩ་ཐང་རེད་འོ།
ནོར་ནག ་ནག་སྤྲིན་ནག་འཁྲིགས་འཁྲིགས་རེད།
རྔ་མ་ལྷོ་སྤྲིན་འཕྱུར་འཕྱུར་རེད།
འབྲོག་སྦྲ་ནག་ཚང་གི་ནོར་ནག་རེད།
འབྲོག་སྦྲ་ནག་ཚང་གི་ནོར་ནག་རེད།
རྒྱུ་ནོར་བུ་ཟེར་བ་ནོར་ནག་རེད།
ནོར་ནག་མེད་ན་བོད་ རིགས་མེད།
བོད་རིགས་མེད་ན་ནོར་ནག་མེད།
མགོ་ནག་ནག་བརྟེན་ས་སྤུ་ནག་རེད།
སྤུ་ནག་ནག་བརྟེན ་ས་རྩ་ཐང་རེད།
མགོ་ནག་ནག་སྤུ་ནག་ནག་སྤང་རྩ་ཐང་དུས་རྟག་དུ་བརྟེན་པར་ཤོག།
འབྲོག་མིའི་བླ ་སྲོག།
བཀྲ་ཤིས་ལུང་པའི་ཕུ་ལ།
འབྲི་མོ་ལྔ་སྟོང་ལྔ་རྒྱ་འཁོར་རོགས་གནང་དང་།
འབྲི་མོ་དེ ་ཡི་འོག་ལ།
བེའུ་ཆུང་ལྔ་དང་ལྔ་རྒྱ་འཁོར་རོགས་གནང་དང་།
བེའུ་ཆུང་དེ་ལ་འཁོར་བའི།
རྫི ་བོ་བུ་ཆུང་ལོ་བརྒྱད་འཁོར་རོགས་གནང་དང་།
རྫི་བོ་དེ་ལ་འཁོར་བའི།
འུ་ཐག་ཆུ་མིག་དགུ་བསྒྲུབ་ འཁོར་རོགས་གནང་དང་།
歌詞大意:
牧人魂
頭頂的帳篷身著的皮襖
品嚐的美食滋養的乳汁
盡是財富之本盡是美食之源
剪起牛絨牛毛編織溫暖的家園
撐起牧人的藍天
沒有犛牛就沒有藏人
沒有藏人就沒有犛牛
在吉祥的山谷
賜予五千五百頭母牛
吉祥母牛
賜予五千五百頭牛犢吉祥的牛犢
賜予八歲的牛童
吉祥的牛童
賜予九眼花紋的烏爾朵
གཞས་ཚིག། བླ་བཟང་རིན་ཆེན།
作詞:洛桑仁青
གཞས་འདངས། བདེ་སྐྱིད་ཚེ་རིང་། གོང་པ ་བདེ་ལེགས་ནོར་བུ།
作曲:德吉老爺貢哇'德勒鬧吾
གླུ་བ། བདེ་སྐྱིད་ཚེ་རིང་། གོང་པ་བདེ་ལེགས་ནོར་ བུ
演唱:德吉老爺貢哇'德勒鬧吾
དབྱངསསྒྲིག་བཟོ་བ། ཏན་ཏན།
編曲:旦旦
འབྲོག་མའི་བླ་སྲོག
མགོ་ལ་ཕུབ་པའི་སྦྲ་ནག།
ལུས་ལ་གྱོན་པའི་པའི་གོས་ལྷམ།
ཁ་ལ་ཟ་བའི་མར་ཆུར།
ཁོག་ལ་འཐུང་བའི་འོ་ཞོ།
ཕྱི་ནག་ནག་ཐམས་ཅན་རྒྱུ་ཡི་རང་བཞིན་དང།
ནང་དམར་དམར་ཐམས་ཅད་ཟས་ ཀྱི་རང་བཞིན་ལྟར།
ཐོག་མར་རྒྱུ་ཡི་བྱུང་བ་རང་བཞིན་བཤད་ཙ་ན།
ཁུལ་དང་རྩིད་པ་བྲེགས་ཏེ་འཁེལ་ འཐག་ལས།
ཕ་གཞེས་དྲོད་མོ་སྦྲ་ནག་གྲུ་བཞི་དང་།
སྒྱེ་དང་ཕྱར་བ་རྩིད་སྐུད་ཐག་པ་དང་།
སྣ་ཐག་སྐེ་ཐག་འུར་ཐག་རྟོད་ཐག་སོགས།
དབུ་ནག་བོད་ཀྱི་འཚོ་བ་རྟེན་གཞི་ཡིན།
དེ་ནས་ཀོ་རིགས ་རྒྱུ་ཆ་ལས་བྱུང་བའི་ཀོ་ལྷམ་ཀོ་སྒྲོ་ཀོ་སྒམ་ཀོ་ཁུག་དང་།
ཀོ་སྒ་ཀོ་གྲུ་ཀོ་ཚགས་ཀོ་ཤུབ་སོགས །
རྒྱུ་སྤུས་ལེགས་ཤིང་སྤྱོད་རྒྱ་ཧ་ཅང་ཆེ།
འབྲུ་མོ་གཡང་ལ་བཞོས་པའི་འོ་མ་དང་ཞོ།
མར་ དང་དར་བ་ཆུར་བ་སོགས།
རོ་བརྒྱ་ལྡན་ཞིང་ལྷད་མེད་དྭངས་གཙང་དང་།
ལུས་ལ་འཕྲོད་ཅིང་ཟས་བཅུད་ཕུན ་སུམ་ཚོགས།
དེ་ཡང་ཟས་སྣ་གཞན་དང་སྦྱོར་བའི་དཀར་ཟས་ལ།
ཐུད་དང་རྩམ་པ་ཞོ་དང་འོ་མ་དར ་དང་ཆུར་བ་དང།
བྲོ་མ་མར་ཁུ་བ་ཚ་མར་ཁུ་གླང་ཆེན་ཐུག་པ་ཆུར་ཁུ་ཨ་མདའ།
ཐུད་དང ་རྩམ་པ་ཞོ་དང་འོ་མ་དར་དང་ཆུར་བ།
བྲོ་མ་མར་ཁུ་བ་ཚ་མར་ཁུ་གླང་ཆེན་ཐུག་པ།
འབྲོག་མིའི་བླ་སྲོག།
མགོ་ལ་ཕུབ་པའི་སྦྲ་ནག།
ལུས་ལ་གྱོན་པའི་པའི་གོས་ལྷམ།
ཁ་ལ་ཟ་ བའི་མར་ཆུར།
ཁོག་ལ་འཐུང་བའི་འོ་ཞོ།
ཨེ་ཁོག་ལ་འཐུང་བའི་འོ་ཞོ།
དཀར་པོ་དུང་མགོ་བོ ་ཅན།
དུང་རྭ་དུང་རྣ་སྤུངས་སེ་སྤུངས།
དུང་གི་ཁ་ཆུ་ཉི་ལི་ལི།
དུང་གི་རྔ་ཤངས་སེ་ ཤངས།
སེར་པོ་གསེར་རྭ་གསེར་མིག་ཅན།
གསེར་རྭ་གསེར་སྣ་སྤུངས་སེ་སྤུངས།
གསེར་གྱི་ཁ་ཆུ་ཉི་ལི ་ལི།གསེར་གྱི་རྔམ་ཤངས་སེ་ཤངས།
གནམ་སྔ་མོ་ད་གནམ་མི་བོད་ཀྱི་གཏམ་དཔེ་ལ།
མགོ་ནག་ནག་བརྟེན་ས་སྤུ་ནག་རེད།
སྤུ་ནག་ནག་བརྟེན་ས་རྩ་ཐང་རེད་འོ།
ནོར་ནག ་ནག་སྤྲིན་ནག་འཁྲིགས་འཁྲིགས་རེད།
རྔ་མ་ལྷོ་སྤྲིན་འཕྱུར་འཕྱུར་རེད།
འབྲོག་སྦྲ་ནག་ཚང་གི་ནོར་ནག་རེད།
འབྲོག་སྦྲ་ནག་ཚང་གི་ནོར་ནག་རེད།
རྒྱུ་ནོར་བུ་ཟེར་བ་ནོར་ནག་རེད།
ནོར་ནག་མེད་ན་བོད་ རིགས་མེད།
བོད་རིགས་མེད་ན་ནོར་ནག་མེད།
མགོ་ནག་ནག་བརྟེན་ས་སྤུ་ནག་རེད།
སྤུ་ནག་ནག་བརྟེན ་ས་རྩ་ཐང་རེད།
མགོ་ནག་ནག་སྤུ་ནག་ནག་སྤང་རྩ་ཐང་དུས་རྟག་དུ་བརྟེན་པར་ཤོག།
འབྲོག་མིའི་བླ ་སྲོག།
བཀྲ་ཤིས་ལུང་པའི་ཕུ་ལ།
འབྲི་མོ་ལྔ་སྟོང་ལྔ་རྒྱ་འཁོར་རོགས་གནང་དང་།
འབྲི་མོ་དེ ་ཡི་འོག་ལ།
བེའུ་ཆུང་ལྔ་དང་ལྔ་རྒྱ་འཁོར་རོགས་གནང་དང་།
བེའུ་ཆུང་དེ་ལ་འཁོར་བའི།
རྫི ་བོ་བུ་ཆུང་ལོ་བརྒྱད་འཁོར་རོགས་གནང་དང་།
རྫི་བོ་དེ་ལ་འཁོར་བའི།
འུ་ཐག་ཆུ་མིག་དགུ་བསྒྲུབ་ འཁོར་རོགས་གནང་དང་།
歌詞大意:
牧人魂
頭頂的帳篷身著的皮襖
品嚐的美食滋養的乳汁
盡是財富之本盡是美食之源
剪起牛絨牛毛編織溫暖的家園
撐起牧人的藍天
沒有犛牛就沒有藏人
沒有藏人就沒有犛牛
在吉祥的山谷
賜予五千五百頭母牛
吉祥母牛
賜予五千五百頭牛犢吉祥的牛犢
賜予八歲的牛童
吉祥的牛童
賜予九眼花紋的烏爾朵
專輯歌曲
所有歌曲1.牧人魂
熱門歌曲
德吉老爺熱門專輯
更多專輯